ཟླ་6ཚེས་12ནས་14ཉིན་བར། 2026ལོའི་འཛམ་གླིང་ཀོག་ཧྥེ་བཟོ་རྩལ་འགྲན་བསྡུར་ཆེན་པོའི་ཀྲུང་གོའི་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་ལྷ་ས་ཡན་ལག་ཁུལ་གྱི་འགྲན་བསྡུར་དེ་འཛམ་གླིང་གསར་པའི་ཉོ་སྒྲུབ་ཐང་ཆེན་དུ་སྤེལ་ཞིང་། ད་ཐེངས་ཀྱི་འགྲན་བསྡུར་ནང་ཤང་ཀང་དང་། ཀོང་ཏུང་། ཡུན་ནན། དེ་བཞིན་བོད་ལྗོངས་བཅས་ཀྱི་ཕུལ་བྱུང་ཀོག་ཧྥེ་བཟོ་རྩལ་པ་21འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་ཅིང་མཐར་བདམས་ཐོན་པ་4རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་ཞུགས་རྒྱུར་ལེགས་འདེམས་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་དང་ཀོག་ཧྥེ་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས། རང་ཡུལ་གྱི་ཀོག་ཧྥེའི་ལས་རྣམ་གསར་པ་རྒྱུན་མཐུད་སྟོབས་ཆེར་ཕྱིན་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།