《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月11日

ཟླ་དང་པོ་ནས་ལྔ་པའི་བར།

རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་15.3%འཕར་བ།

ཉེ་ཆར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2026ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཏེ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་20.68ཟིན་པ་དེ་དུས་མཚུངས་ལས་15.3%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་11.91ཟིན་པ་དེ་དུས་མཚུངས་ལས་11.8%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་8.77ཟིན་པ་དེ་དུས་མཚུངས་ལས་20.5%འཕར་ཡོད་པ་རེད། འདི་ནི་ཉེ་ཆར་ཧྲན་ཏུང་ཆིང་ཏའོ་གྲུ་ཁར་བཞག་པའི་ཕྱི་ཕྱོགས་ཚོང་དོན་གྱི་དོས་སྒམ་བྱུར་བུར་བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཡིན་པ།