《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月11日

ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་པ།

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཏེ་ཕོང་དབྱང་ནས་ཞལ་གྱེས་པ་རེད། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ནས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་གཉེར་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་ལོག་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ལྷན་དུ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕོང་དབྱང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲའོ་ཞན་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཏེ་ཕོང་དབྱང་ནས་ཞལ་གྱེས་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་གནམ་ཐང་དུ་ཕེབས་སྐྱེལ་ལ་བཅར་ནས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།

གནམ་ཐང་དུ་སྐྱོད་པའི་ལམ་བར་དུ། ཕོང་དབྱང་གི་ལས་རིགས་ཁག་གི་མང་ཚོགས་གཞུང་ལམ་གཞོགས་གཉིས་སུ་འཛོམས་ནས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་དང་མེ་ཏོག་སོས་པ་གཡུག་གཡུག་བྱེད་བཞིན་སྐད་གསང་མཐོན་པོས་ཀྲུང་ཁྲའོ་ཡི་མཛའ་གྲོགས་འབོད་ཚིག་བསྒྲགས་ནས་སྤྲོ་སེམས་འཁོལ་པོས་ཕེབས་སྐྱེལ་ཞུས་པ་རེད།

གནམ་ཐང་དུ། མང་ཚོགས་དང་ལོ་ཆུང་བྱིས་པ་སྟོང་ཕྲག་ཁ་ཤས་གྲལ་སྟར་བསྒྲིགས་ནས་སྤྲོ་སེམས་འཁོལ་པོས་ཕེབས་སྒུག་ཞུས་ཡོད་པ་རེད། ངར་སེམས་ལྡན་ལ་སྐད་གསང་མཐོ་བའི་རོལ་དབྱངས་ཁྲོད་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག ཕེབས་སྐྱེལ་ཞུ་བར་ཡོང་མཁན་ཁྲའོ་ཞན་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་ཕེབས་སྐྱེལ་ཞུ་མཁན་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཚོན་པར་གནང་བ་རེད། ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཅིན་ཀྲེང་ཨེན་སྟངས་དཔྱལ་དང་ཡང་བསྐྱར་ཕྱག་གཏོང་རེས་གནང་ནས་བྱམས་བརྩེའི་ངང་ཞལ་གྱེས་ཞུས་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕོང་དབྱང་ནས་ཞལ་གྱེས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་སྐྱེལ་མཛད་སྒོར་ཞུགས་པ་རེད།

(པ་ཚེ་དང་བསྟན་རྣམ་གྱིས་སྒྱུར་ཞུས་བྱས)