ཆུང་བྱིས་པའི་དུས་སུ།
ཨ་མའི་མིག་ཟུང་ན།
ཨ་མའི་རྩྭ་ཐང་དང་།
རྩྭ་ཐང་གི་ནོར་ཁྱུ་ལ་བཅངས་པའི་འཁྲེང་སེམས་ཁོ་ན་མཐོང་།
ནར་སོན་པའི་རྗེས་ལ།
ཨ་མ་དང་རྩྭ་ཐང་གཉིས།
ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན་ཞིང་།
ཨ་མའི་མིག་ཟུང་ན་བུ་ཕྲུག་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པའི་སྣང་བ་འཆར།
འོན་ཀྱང་། ཆུང་ནས་ད་བར།
ཨ་མ་དང་ཨ་མའི་རྩྭ་ཐང་།
ཨ་མ་དང་ཨ་མའི་ནོར་གནག
ཡོད་ཚད་བུ་ཕྲུག་གི་དོན་དུ་ཡིན་པ་ངས་གཞི་ནས་རྟོགས་ཡོང་།