ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཡན་ལག་ཀུང་སི་ལྷ་ས་གློག་རྒྱུན་བརྗེ་སྒྱུར་ས་ཚིགས་ཀྱིས་2026ལོའི་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་པ་མ་ཟད། དཔྱིད་དུས་ཀྱི་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་རེད། ས་ཚིགས་ཡོངས་ཀྱིས“ཁྱོན་ཡོངས་ལ་ཁྱབ་པ་དང་། ཐར་པར་གཏན་ནས་མི་གཏོང་བ། ཁྲིམས་སྒྱུར་ནན་པོ་བྱེད་པ། ཕན་འབྲས་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གློག་རྒྱུན་བརྗེ་སྒྱུར་ས་ཚིགས་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ད་རེས་ཞིབ་བཤེར་བྱེད་རིང་། དུས་ཚིགས་ཀྱི་ཁྱད་ཆོས་དང་ས་བབ་མཐོ་བའི་གཉེར་སྐྱོང་ཞིབ་བཤེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་དང་། གློག་དྲའི་ཉེན་ཁ་དོ་དམ་ཚོད་འཛིན། མི་ཐབས་ལས་སྒྲུབ་ཀྱི་འགོག་སྲུང་། སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག མེ་ཟོན་དོ་དམ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག ཆུ་ལོག་སྔོན་འགོག་དང་འབྲུབ་དུས་སྒྲོལ་བ་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་ལ་དམིགས་ནས་ཏང་ཡོན་གྱིས་སྣེ་ཁྲིད་དེ་མངོན་མེད་རྐྱེན་ངན་ལེབ་བཤེར་བྱས་ཡོད། འདི་ནི་ལྷ་སའི་གློག་རྒྱུན་བརྗེ་སྒྱུར་ས་ཚིགས་ཀྱི་ལས་དོན་པས་སྐོར་ཞིབ་བྱེད་བཞིན་པ།