《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月31日

ཚེས་29ཉིན་གྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནས་ཚུལ།

འབྲེལ་ཡོད་ནང་དོན་མཁྱེན་འདོད་ན་རྩ་གཉིས་ཨང་རྟཌ་བཤེར་རོགས་གནང་།

ཟླ་5ཚེས་29ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་རང་ལྗོངས་ལ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཁག་ཉི་ཤུ་པའི་ཐེར་འདོན་གྱོད་གཞི་16བསྒྲུབ་རྒྱུར་རྩིས་སྤྲད་པ་དང་། དེའི་ནང་ཁ་པར་ནས་ཐེར་འདོན་བྱས་པའི་གྱོད་གཞི་14དང་། ཡི་གེ་འབྱོར་བའི་གྱོད་གཞི་2 དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་5ཡོད་པ་རེད། ད་ཐེངས་ཐེར་འདོན་བྱས་པའི་གྱོད་གཞིའི་ནང་ལྷ་ས་གྲོང་ཁྱེར་ལ་6(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) དང་། གཞིས་རྩེ་གྲོང་ཁྱེར་ལ་1 (དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) ལྷོ་ཁ་གྲོང་ཁྱེར་ལ་1 ཉིང་ཁྲི་གྲོང་ཁྱེར་ལ་3 (དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) ཆབ་མདོ་གྲོང་ཁྱེར་ལ་3(དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) ནག་ཆུ་གྲོང་ཁྱེར་ལ་2 (དོ་ཁུར་ཆེན་པོ་བྱེད་པའི་གྱོད་གཞི་1) བཅས་ཡོད་པ་རེད།

ད་ཐེངས་ཀྱི་ཡིག་འབུལ་ཞུ་བཅར་ནང་སྐྱེ་ཁམས་ཁོར་ཡུག་ཐད་བཏོན་པའི་གནད་དོན་20ཡོད་པ་དང་། དེའི་ནང་སྐྱེ་ཁམས་གཏོར་བཤིག་གི་གནད་དོན་6དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་5 འཛེར་སྒྲའི་གནད་དོན་5 ཆུའི་སྦགས་བཙོག་གི་གནད་དོན་2 དེ་མིན་གྱི་སྦགས་བཙོག་གི་གནད་དོན་2བཅས་ཡོད་པ་རེད།

དེ་ཉིན། གོང་གསལ་གྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཚང་མ་འབྲེལ་ཡོད་གྲོང་ཁྱེར་ལ་བསྒྲུབ་རྒྱུར་རྩིས་སྤྲད་པ་རེད།

ཟུར་མཆན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་བསྒྲུབ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་བསྡོམས་རྩིས་རེའུ་མིག (ཁག་དང་པོ་ནས་ཉི་ཤུ་པའི་བར)

ཡིག་འབུལ་ཞུ་བཅར་དང་ལེན་སྒྲུབ་སྐུལ་ཚོགས་ཆུང་ནས།

2026ལོའི་ཟླ་5ཚེས་29ཉིན།