《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月16日

ཕིང་ལུའུ་མིས་བཟོས་གཙང་པོ་གོ་རིམ་ལྡན་པའི་སྒོ་ནས་སྐྲུན་བཞིན་པ།

ཕིང་ཐང་ནས་ལུའུ་ཝུའུ་བར་གྱི་མིས་བཟོས་གཙང་པོ(གཤམ་དུ“ཕིང་ལུའུ་མིས་བཟོས་གཙང་པོ”ཞེས་བསྡུ་རྒྱུ)ནི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལས་གྲྭ་གཙོ་བོ་ཞིག་ཡིན་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་134.2ཡོད་པ་དང་ཏུན་5000རིམ་པའི་གྲུ་གཟིངས་ཤར་གཏོང་ཐུབ་ཀྱི་ཡོད། མིག་སྔར་ཕིང་ལུའུ་མིས་བཟོས་གཙང་པོའི་ལས་གྲྭ་ཧྲིལ་པོའི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། འཆར་གཞི་ལྟར་ན། ད་ལོའི་ཟླ་དགུ་པར་གྲུ་གཟིངས་ཤར་གཏོང་ཐུབ་རྒྱུ་དང་། སྐྲུན་ཟིན་རྗེས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་ཤིས་ཅང་གཙང་པོའི་ཆུ་གཞུང་བརྒྱུད་ལྷོ་ཕྱོགས་ནས་རྒྱ་མཚོར་བསྐྱོད་པའི་གཙང་པོ་དང་མཚོ་ཐོག་མཉམ་འདྲེན་གྱི་བགྲོད་ལམ་གལ་ཆེན་ཤར་གཏོང་ཐུབ་རྒྱུ་རེད།འདི་ནི་ཀོང་ཤིས་ཕིང་ལུའུ་མིས་བཟོས་གཙང་པོའི་ཕིང་ཐང་གཙང་འགྲམ་གྱི་རྣམ་པ་ཡིན་པ།