《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月16日

ལྷ་ས་གྲོང་ཁྱེར་གྱིས།

གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་ཤེས་ལྡན་པ་གསོ་སྦྱོང་དུས་ཐེངས་ལྔ་པ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་ཤེས་ལྡན་པ་གསོ་སྦྱོང་དུས་ཐེངས་ལྔ་པ་ལྷ་སའི་གྲངས་ཐོན་ཐོག་ཁང་ཆེ་མོར་གཉེར་བ་དང་། གྲངས་འཛིན་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དང་ཁེ་ལས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ཏེ། གྲངས་འཛིན་དྲ་ཐོག་ཚོང་དོན་གསར་གཏོད་དང་། གྲངས་འཛིན་དཔལ་འབྱོར་སྲིད་ཇུས། གྲངས་འཛིན་བདེ་འཇགས་བཅས་བརྗོད་དོན་གཙོ་བོ་གསུམ་ལ་དམིཌ་ནས་སྤེལ་རེས་སློབ་སྦྱོང་བྱས་ཏེ་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་སྐྱོང་གསོའི་མནའ་འབྲེལ་གྱིས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། གསོ་སྦྱོང་གི་ནང་དོན་ཐད་རྒྱལ་ཁབ་དང་དེ་བཞིན་བོད་ས་གནས་ཀྱི་གྲངས་འཛིན་དཔལ་འབྱོར་རོགས་སྐྱོར་སྲིད་ཇུས་དང་། གྲངས་འཛིན་དྲ་ཐོག་ཚོང་དོན་གསར་གཏོད་གཉེར་སྐྱོང་། དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་སོགས་ཚུད་ཡོད་པས་ཆེད་ལས་རང་བཞིན་དང་ཉེར་སྤྱོད་རང་བཞིན་གཉིས་ཀ་ལྡན་ཡོད་པ་རེད།

(པ་སངས་ཕན་ཐོགས་ཀྱིས་བསྒྱུར)