《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月15日

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་བསྲུངས་བ།

འདི་ག་ཚགས་པར་ཁང་དུ་སྤུ་ཧྲེང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་ཞིག་དང་ལེན་མགྱོགས་མྱུར་བྱས་ཤིང་། ལས་ཀའི་དཔྱད་ཡིག་གལ་ཆེན་ཉར་ཚགས་བྱས་ཡོད་པའི་ལག་ཁྱེར་གློག་ཀླད་2བོར་བརླགས་སོང་བ་བཙལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་ཀྱི་སྤྱི་བདེ་མི་དམངས་ཀྱི་ཆེད་དུ་ཡིན་པའི”དམ་བཅའ་ནན་པོ་ལག་ལེན་བསྟར་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མང་ཚོགས་མཱ་ཆེ་གེ་མོས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་གློག་ཀླད་བོར་བརླགས་སོང་བ་དང་། གློག་ཀླད་ནང་གི་དཔྱད་གཞིའི་ཡིག་རིགས་གལ་ཆེན་པོ་ཡིན་པས། དངངས་འཚབ་ཆེན་པོས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་རོགས་སྐྱོར་བྱེད་རོགས་ཞུས། རོགས་སྐྱོར་རེ་ཞུ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་བོར་བརླགས་སོང་བའི་དུས་ཚོད་དང་། ས་ཆ། དེ་བཞིན་འགྲོ་སྐྱོད་ལམ་ཐིག་བཅས་ཞིབ་ཚགས་དྲིས་པ་དང་། སྤྱི་པའི་བརྙན་ལམ་ཞིབ་བཤེར་དང་རྗེས་ཤུལ་གྲལ་བཤེར་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་བྱས་ཏེ། ཁུངས་སྣེ་མགྱོགས་མྱུར་གཏན་འཁེལ་བྱས་པས། བོར་བརླགས་སོང་བའི་གློག་ཀླད་བདེ་བླག་ངང་རྙེད་པ་མ་ཟད་བདག་པོར་རྩིས་སྤྲད་པ་རེད། གློག་ཀླད་བདག་པོས་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་སེམས་རྩ་འཁོལ་པོས་ལས་དོན་ཏན་ཏིག་བསྒྲུབས་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་མ་ཟད། མི་དམངས་ཉེན་རྟོག་པས་རང་འགན་གཙང་སྒྲུབ་དང་དམངས་འཚོ་ལྟ་སྐྱོང་བྱས་པར་གདེང་འཇོག་ཆེན་པོ་ཡང་བྱས་པ་རེད།