ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་ལྟ་ཀློག་གི་སྤུས་འབྲས་ལེགས་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་ཤེས་དཔལ་གྱི་གཞི་རྩ་བརྟན་དུ་བཏང་ནས་རིག་དཔལ་དར་བའི་ལྷ་སའི་རིག་གནས་ཀྱི་སྤུས་རྟགས་རྒྱུན་མཐུད་སྟོབས་ཆེར་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་འདོམས་ཇུས་འགོད་དང་ཁུལ་ཡོངས་ལ་སྐུལ་འདེད་བཏང་སྟེ། གནས་མང་པོར་ལྟ་ཀློག་གི་ལག་ལེན་བྱེད་སྒོ་སྣ་མང་རབ་དང་རིམ་པ་སྤེལ་ནས་རིག་དཔལ་དར་བའི་རིག་རྒྱུན་གྱིས་གྲོང་ཁྱེར་གྱི་སྐྱེ་སྟོབས་འཕེལ་བ་དང་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་ཡོད། སྤྱི་ཚོགས་ཡོངས་སུ་དཔེ་ཀློག་ལ་དགའ་ཞེན་བྱེད་པའི་རྣམ་པ་ཟབ་ཏུ་ཕྱིན་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།