ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“ལོ་རྒྱུས་བློ་ལ་ངེས་ནས་ཏང་གི་བཀའ་དྲིན་ཚོར། འབྱུང་འགྱུར་ཧུར་ཐག་བཏོད་ནས་མི་གསར་ལེགས་པར་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་དང་། “མཛད་སྒོར་བརྟེན་ནས་སློབ་གསོ་གཏོང་བ། རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད་བྱེད་པ། དབྱིངས་ཞུགས་རྣམ་པའི་ལྟ་སྐོར་བྱེད་པ། བགྲོ་གླེང་སྤེལ་རེས་བྱེད་པ”བཅས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་པ་རེད།