《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月13日

མལ་གྲོ་གུང་དཀར་རྫོང་ཀློང་གྲོལ་སྒང་གྲོང་ཚོས།

“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོ་ཨུ་ལྷན་གྱིས་གྲོང་སྡོད་ལས་དོན་རུ་ཁག་དང་། དེ་བཞིན་རྫོང་རིག་རྩལ་ལྷན་ཚོགས་དང་རིག་གནས་ཡུལ་སྐོར་ཅུས་སོགས་སྡེ་ཚན་མང་པོ་དང་མཉམ་དུ་གྲོང་ཚོར་2026ལོའི“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། མཉམ་འགུལ་ལན་འདེབས། འཚམས་འདྲི་ཞུ་བ་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་ཞིང་། གཞི་རིམ་གྱི་སྒྲོག་འགྲེལ་པས་གྲོང་གསེབ་ཀྱི་འཕོ་འགྱུར་དང་ཟུང་འབྲེལ་བྱས་ཏེ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67སོང་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྗོད་ཡོད། རྫོང་སྲོང་བཙན་སྒྱུ་རྩལ་ཚོགས་པ་དང་། གྲོང་ཚོ་ཁག་གི་རིག་རྩལ་རུ་ཁག དེ་བཞིན་གྲོང་ཚོའི་བུ་བཅོལ་ཁང་བཅས་ཀྱིས་ལྟད་མོ་ཆེ་བའི་གླུ་གར་འཁྲབ་སྟོན་བྱས་པ་དང་། ལྷག་པར་དུ་གཏམ་བརྗོད་ཟློས་གར་ཐུང་གྲས《རིན་མེད་ངང་གཟུགས་པོ་འཁྲུ་བ》ཞེས་པ་ལས་ས་གནས་དེ་གའི་སྲིད་གཞུང་གིས་དམངས་ལ་བྱ་བ་དངོས་བསྒྲུབས་པའི་ལས་ཀའི་གྲུབ་འབྲས་མངོན་ཡོད། མཉམ་འགུལ་ལན་འདེབས་ཀྱི་ལྷུ་ཚིགས་ལས་མང་ཚོགས་ཀྱིས་སྲིད་ཇུས་དང་ལོ་རྒྱུས་རྟོགས་ཤུགས་ཆེ་རུ་ཕྱིན་ཡོད། ཏང་ལ་ཞུགས་ནས་ལོ་ངོ་50སོང་བའི་ཏང་ཡོན་རྒན་གྲས་ལ་ས་གནས་ས་ཐོག་ཏུ་འཚམས་འདྲི་བྱས་པས། ཚང་མས་ཏང་གི་རྗེས་སུ་འབྲང་བའི་དད་སེམས་སྔར་བས་བརྟན་དུ་ཕྱིན་ཏེ། གྲོང་གསེབ་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)