《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月11日

གཞིས་རྩེ་གྲོང་ཁྱེར་གྱིས་2026ལོའི་དཔྱིད་ཀའི་སྲོག་ཆགས་ཀྱི་རིམས་འགོག་སྨན་ཁབ་སྤྲོད་པའི་ལས་དོན་བསྒྲུབས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་2026ལོའི་དཔྱིད་ཀའི་སྲོག་ཆགས་ཀྱི་རིམས་འགོག་སྨན་ཁབ་སྤྲོད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་སྟེ། དཔྱིད་དུས་ཀྱི་གཅིག་སྡུད་རིམས་འགོག་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྲོང་ཁྱེར་ཡོངས་ཀྱི་ཆུས་དང་རྫོང་ཚང་མར་ཁྱབ་པ་བྱས་ཏེ་རིམ་རྩིས་བརྒྱབ་ན་རིམས་འགོག་སྨན་ཁབ་དང་དེ་བཞིན་ནད་དང་གནོད་འབུ་སེལ་བའི་སྨན་རྫས་སྒམ་ཁྲི་1.3སྤྲད་པ་དེ་དག་སྲོག་ཆགས་ཀྱི་རིམས་ནད་གཙོ་བོ་10ལྷག་ཙམ་གྱི་འགོག་བཅོས་དགོས་མཁོ་སྐོང་ཐུབ་ཡོད། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་སྲོག་ཆགས་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས“ལག་རྩལ་རྫོང་ཡོངས་ལ་ཁྱབ་པ་དང་སྐོར་སྐྱོད་མཛུབ་ཁྲིད་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ་རིམས་འགོག་ལག་རྩལ་གྱི་མཛུབ་ཁྲིད་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། “གཟའ་འཁོར་རེར་བཀོད་གཏོང་རེ་བྱེད་པའི”ལམ་སྲོལ་འཛུགས་པ། རིམས་འགོག་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་རིམས་འགོག་འདུས་ཚད་དང་དུག་སྲིན་འགོག་རྫས་ཀྱི་ཚད་གཞི་ལོན་པའི་འགན་ལེན་དང་། སྲོག་ཆགས་ཆེ་གྲས་ཀྱི་རིམས་ནད་སྔོན་འགོག་བྱས་ཏེ་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་འགན་ལེན་བྱ་རྒྱུ་རེད།