《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月10日

དཔྱིད་ཉམས་ཡོངས་སུ་རྒྱས། དཔྱིད་རྨོད་ལས་ལ་བྲེལ།

པར①ནི་པ་སྣམ་རྫོང་གིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཆུ་ཡུར་གྱི་འདམ་སྙིག་གཤོང་བཞིན་པ།

པར②ནི་རྣམ་གླིང་རྫོང་ཨེ་མ་ཤང་སྲམ་པ་གྲོང་ཚོའི་མང་ཚོགས་ཚོས་ཞོག་སོན་ལེན་བཞིན་པ།

པར③ནི་བར་རྩེའི་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཆུ་འདྲེན་ཁུལ་གྱི་ལས་གྲྭར་ལས་དོན་པས་ཚ་ཚ་འུར་འུར་གྱིས་ཨར་ལས་བྱེད་བཞིན་པ།

པར④ནི་གཞིས་རྩེ་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་གྲོང་ཁྱེར་སྔོ་འགྱུར་སྒྱུར་བཀོད་རིམ་སྤོར་ལས་གྲྭ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

གངས་ལྗོངས་ས་གཞི་ཆེ་མོར་ཉི་འོད་རབ་ཏུ་འཕྲོས་ཤིང་ཡར་ཀླུང་གཙང་པོའི་ངོགས་ཀྱི་གང་སར་ལས་བྲེལ་གྱི་རྣམ་པས་ཁེངས། ཞིང་ནང་དང་མུ་ཁར་ཞིང་པ་ཚོ་ངལ་རྩོལ་ལས་ལ་བྲེལ་ཞིང་། ཐོང་གཤོལ་གྱིས་ཞིང་ས་གཤིན་པོ་རིམ་གྱིས་བསློགས་རྗེས་ནས་ཀྱི་སོན་བཟང་འདེབས་པ་དང་། ཨར་སྐྲུན་ལས་ཡུལ་དུ་རྣམ་གྲངས་གཙོ་བོ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་ལ། འཛུགས་སྐྲུན་པ་ཚོས་དཀའ་ངལ་ཁྱད་དུ་བསད་ནས་གྲོང་ཁྱེར་འཕེལ་རྒྱས་ལ་རང་ནུས་ཡོད་ཚད་འདོན་བཞིན་ཡོད། ཐོན་ལས་གླིང་ཁུལ་དུ་འཕྲུལ་འཁོར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་ལ། ལས་བཟོ་བ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀར་གཞོལ་ནས་ཐོན་སྐྱེད་སྒྲུབ་རིམ་ལ་གསོན་ཤུགས་གསར་པ་མངོན་པར་བྱས་ཡོད། ཞིང་ནང་ནས་འཁོར་ཁང་བར་དང་ཨར་སྐྲུན་ལས་ཡུལ་ནས་མཛེས་ལྗོངས་ཁུལ་བར། གཞིས་རྩེ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་མི་རྣམས་ལོ་གསར་པའི་ལས་ཀའི་ནང་ཧུར་ཐག་ཞུགས་པ་དང་། གསོན་ཤུགས་དང་རེ་བས་ཁེངས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན་བཞིན་ཡོད།