《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月06日

ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་ཀུང་སི།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར་བདམས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཁག་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིང་བཏགས་པའི་མཚན་ཐོ་ཁྱབ་བསྒྲགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་ཀུང་སི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར”བདམས་ཡོད་པ་རེད།

གྲོང་ཁྱེར་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་གཞུང་ཁོངས་ཀྱི་ནུས་རྒྱུའི་དམངས་འཚོའི་ཁེ་ལས་ཤིག་ཡིན་པའི་ཀུང་སི་དེས“བདེ་འཇགས་ཀྱི་མེ་ལྕེ་སྔོན་པོས་ས་མཐོར་ཞབས་འདེགས་ཞུ་བའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་དང་། ཁེ་ལས་གཉེར་སྐྱོང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་བཅས་ལ་སྤྱི་འདོམས་སྐུལ་འདེད་ཀྱིས་འབར་རླངས་ཀྱི་ཞབས་ཞུར་བརྟེན་ནས་འབར་རླངས་སྤྱོད་མཁན་མི་རིགས་ཁག་གི་མང་ཚོགས་ཁྲི་17.36གི་དམངས་འཚོའི་བདེ་རྩ་སྲུང་བཞིན་ཡོད་པ་རེད།

གཞན་ཡང་། ཀུང་སིས་འབར་རླངས་ཀྱི་མདོང་ལམ་ལ་སྐོར་ཞིབ་དང་། བདེ་འཇགས་ཀྱི་ཞིབ་བཤེར། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ཀྱི་ལས་དོན་རྒྱུན་གཏན་ནས་སྤེལ་བ་དང་། སྐད་གཉིས་ཀྱི་ཞབས་ཞུ་ཁྱབ་གདལ་བཏང་ནས། དམངས་འཚོར་ཞབས་འདེགས་ཞུ་རྒྱུ་དེ་མི་རིགས་མཐུན་སྒྲིལ་གྱི་སེམས་འབྲེལ་ཟམ་པ་ལྟ་བུར་འགྱུར་བར་བྱེད་བཞིན་ཡོད། ཀུང་སིར་ལས་ཀ་བྱས་ནས་ལོ་11སོང་བའི་ཧོར་རིགས་ཀྱི་ལས་མི་ཧྲི་གོ་ཡུན་གྱིས་ཀུང་སིས་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་ལས་རོགས་དབར་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་གི་འདུག་པས། ང་ཚོས་བློ་བདེ་པོས་ལས་ཀ་བྱེད་ཐུབ་ཀྱི་འདུག་ལ་འཚར་ལོངས་ཀྱང་ཡག་པོ་ཡོང་གི་འདུག་ཅེས་བཤད།