ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཇའི་སྒྱུ་རྩལ་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བར་ཁོངས་གཏོགས་ཁུལ་གྱི་བུད་མེད་16གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ལ་ཆེད་མངགས་ཆེད་ལས་འཆད་ཁྲིད་དགེ་རྒན་གདན་དྲངས་ཤིང་། སློབ་ཁྲིད་ཀྱི་ནང་དོན་ལ་ཇའི་རིག་གནས་དང་། ཇ་ཆས་ངོས་འཛིན། ཇ་ལོ་སྦོང་སྟངས། ཇའི་སྒྱུ་རྩལ་གྱི་གུས་སྲོལ། ཇ་འཐུང་ལུས་གསོ་སོགས་ཚུད་ཡོད་པ་དང་། རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ་དང་དངོས་སྤྱོད་སློབ་ཁྲིད་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་དམར་ཁྲིད་བྱས་པ་རེད། གསོ་སྦྱོང་ལ་ཞུགས་མཁན་བུད་མེད་ཀྱིས་ཇའི་སྒྱུ་རྩལ་གྱི་རྩལ་ནུས་ནན་ཏན་ངང་སློབ་སྦྱོང་དང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་ནས། ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་དང་ལས་ཞུགས་ལས་གཏོད་ཀྱི་ལམ་བུ་རྒྱ་ཆེར་བཏང་ཡོད་པ་རེད།
འདི་ནི་བུད་མེད་ཚོས་ཇ་ཡི་ལག་རྩལ་སྦྱོང་བཞིན་པ།