《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月23日

འགག་སྒོའི་རྣམ་པ་གསར་པ། སྒོ་དབྱེའི་རྒྱང་ལམ་གསར་པ།

ལོ་ངོ་70ཡི་གོང་གི“སྦྲ་གུར་ཁྲོམ་རའི”གསར་འགྱུར་འཕྲིན་སྤེལ་ལ་ལྟ་བ་དང་། མཐའ་མཚམས་ཚོང་པས་དུས་རབས་ཀྱི་འཕོ་འགྱུར་སྐོར་གླེང་བར་ཉན་པ། དེ་བས་སྒོ་དབྱེའི་སྤུ་ཧྲེང་འགག་སྒོར་ལྟ་སྐོར་བྱེད་པ་བཅས་ཀྱི་ཡུལ་དུས་གང་ས་ནས་དུས་རབས་ཕྱེད་ཀ་ཙམ་བརྒལ་བའི་མཐའ་མཚམས་ཉོ་ཚོང་གི་འཕེལ་རྒྱས་ལོ་རྒྱུས་ཤིག་འདྲེན་བྱེད་ལམ་དུ་མངོན་ཞིང་། གསར་འགོད་པའི་སེམས་ལ་ཚོར་བ་ཟབ་མོ་ངང་གིས་འཆར།

སྤུ་ཧྲེང་འགག་སྒོས་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཚོང་ཟོག མཐའ་མཚམས་ཡུལ་མིའི་ཕན་ཚུན་ཉོ་ཚོང་། མི་ཆོས་རིག་གནས་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་ས་མཐོའི་ཁྱད་ལྡན“རྒྱལ་སྤྱིའི་འགག་སྒོ”ཞིག་ཧུར་ཐག་སྐྲུན་བཞིན་ཡོད། སྤུ་ཧྲེང་ནས་བོད་ཀྱི་རྣམ་པར་བལྟས་ཚེ། རི་བོ་ཧི་མ་ལ་ཡའི་རྒྱུད་དུ། སྤུ་ཧྲེང་དང་། འགྲམ། སྐྱིད་གྲོང་སོགས་ཀྱི་འགག་སྒོ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བ་དང་། མཐའ་མཚམས་ཡུལ་མིའི་ཚོང་ར་སྣ་ཚོགས་རྒྱུན་མཐུད་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པ་བཅས་ཀྱི་ཐོག་ནས། བོད་འདི་ཉིད“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན”གྱི་འཐབ་ཇུས་ངེས་གནས་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་སྐྱོད་བཞིན་ཡོད་པ་མཚོན་ཐུབ།

ལོ་ངོ་70ཡི་དུས་ཀྱི་འཕོ་འགྱུར་ཁྲོད། ཉོ་ཚོང་བྱེད་སྟངས་དང་རྨང་གཞིའི་སྒྲིག་བཀོད་ལ་འཕོ་གྱུར་བྱུང་ཡང་། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་དངོས་ཟོག་བརྗེ་ཚོང་དང་ཕན་ཚུན་ལྟ་སྐྱོང་གི་བརྩེ་དུང་ལ་འགྱུར་ལྡོག་སྤུ་ཙམ་ཡང་ཕྱིན་མེད། གནས་དེ་ནས་ང་ཚོས་འཁྲུག་ཆ་དོད་པའི“རྒྱལ་སྤྱིའི་འགག་སྒོ”དེ་ནི་ཀྲུང་ནེའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་གི་སྦྲེལ་ཟམ་ཞིག་ཡིན་པ་མ་ཟད། དེ་བས་རྒྱག་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཐག་ཅིག་ཡིན་པའང་ཚོར་བྱུང་།

འགག་སྒོ་འཛུགས་སྐྲུན་གྱིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པར་སྐུལ་ཁྲིད་བྱས་པ་དང་མཐའ་མཚམས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ལམ་བུའང་རྒྱུན་མཐུད་རྒྱ་ཆེར་བཏང་ནས། མཐའ་མཚམས་ཡུལ་མི་འབྱོར་ཕྱུག་དང་། མཐའ་མཚམས་འགག་སྒོ་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

“ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་སྐབས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཚེ། བོད་ལ་བྱེད་གཞི་ཆེ་ལ་མདུན་ལམ་རྒྱ་ཆེན་པོ་ཡོད་པ་ནི་གདོན་མི་ཟ།