《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月16日

ནག་ཆུ་གྲོང་ཁྱེར་ལ་གླིང་སྒྲུང་ཤོད་མཁན་བུད་མེད་སྒྲུང་པ་5ཡོད་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། གླིང་སྒྲུང་ཤོད་མཁན་བུད་མེད་སྒྲུང་པ་སྲིང་ཆུང་མི་སྒེར་གྱི་སྒྲུང་དེབ་གསར་པ་དཔེ་སྐྲུན་བྱས་པ་དང་། དེ་ནི་ས་གནས་དེ་གའི་སྒྲུང་དེབ་ཡོད་པའི་བུད་མེད་སྒྱུ་རྩལ་པ་དང་པོ་ཡིན་ཞིང་། དེ་ལས་བུད་མེད་གླིང་སྒྲུང་ཁྱབ་ཁོངས་སུ་ཞུགས་ཚད་ལོ་རྒྱུས་རང་བཞིན་གྱིས་མང་དུ་ཕྱིན་པ་མཚོན་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ནག་ཆུ་གྲོང་ཁྱེར་དུ་བུད་མེད་སྒྲུང་པ་5ཡོད་པ་དང་། གྲོང་ཁྱེར་ཡོངས་སུ“གླིང་སྒྲུང”གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་170ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་རིམ་པའི་མི་4དང་། རང་སྐྱོང་ལྗོངས་རིམ་པའི་མི་13 གྲོང་ཁྱེར་རིམ་པའི་མི་54 རྫོང་ངམ་ཆུས་རིམ་པའི་མི་50 རིམ་པ་གཏན་འཁེལ་བྱས་མེད་པའི་གླིང་སྒྲུང་གི་རྒྱུན་འཛིན་པ་50བཅས་ཡོད་ཅིང་། དེ་ནི་རྒྱལ་ཡོངས་སུ་གླིང་སྒྲུང་སྒྱུ་རྩལ་པ་མང་ཤོས་དང་། གཅིག་སྡུད་ཆེ་ཤོས། གྲུབ་ཆ་ཆ་ཚང་ཤོས། སྒྲུང་དཔེ་མང་ཤོས་བཅས་ཀྱི་རྒྱུན་འཛིན་སྲུང་སྐྱོང་ཁུལ་ཞིག་རེད།

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་རིམ་པའི་གླིང་སྒྲུང་རིག་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ“གླིང་སྒྲུང་སྒྱུ་རྩལ་པའི་ཕ་ས”ཡི་ལེགས་ཆར་བརྟེན་ནས་སྲུང་སྐྱོང་དང་། རྒྱུན་འཛིན། ཁྱབ་སྤེལ། བེད་སྤྱོད་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས། གླིང་སྒྲུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།