《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月15日

ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་རིག་རྩལ་ལྷན་ཚོགས་ཀྱིས།

《ཤན་རྩའི་དམངས་ཁྲོད་རིག་གནས་དཔེ་ཚོགས》ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་གཉེར་བ།

འདི་ནི་དེབ་རག་རྗེས་ཕྲུ་གུ་ཚོས་དེབ་ལྟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཤན་རྩ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་རིག་རྩལ་ལྷན་ཚོགས་ཀྱིས“ཤན་རྩར་རིག་དཔལ་དར། ནག་ཚང་ལ་རིག་རྒྱུན་ལྡན”བརྗོད་དོན་གཙོ་བོར་བྱས་ཏེ《ཤན་རྩའི་དམངས་ཁྲོད་རིག་གནས་དཔེ་ཚོགས》ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་གཉེར་ནས། ལས་བྱེད་པ་དང་། མང་ཚོགས། སློབ་གྲྭའི་དགེ་སློབ་དང་དེ་བཞིན་རྒྱ་ཆེའི་རིག་རྩལ་ལ་དགའ་པོ་བྱེད་མཁན་རྣམས་ལ་དཔེ་དེབ་15200ཕུལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུའི་རྫོང་རིམ་པའི་རིག་རྩལ་ལྷན་ཚོགས་དང་པོ་ཡིན་པའི་ཤན་རྩ་རིག་རྩལ་ལྷན་ཚོགས་ཀྱིས་རང་ཡུལ་གྱི་རིག་གནས་རྒྱུན་འཛིན་བྱས་ནས་ལོ་14ཡི་རིང་ཐོག་མཐའ་བར་གསུམ་དུ“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”ཐོག་མའི་བསམ་འདུན་དུ་བྱས་ཏེ། ས་མཐོར་རིག་རྩལ་དར་སྤེལ་གཏོང་བའི་དུས་རབས་ཀྱི་ལེའུ་ཞིག་བརྩམས་ཡོད། 《དམངས་ཁྲོད་སྙན་ཚིག་ཕྱོགས་བསྡུས》དང《དམངས་ཁྲོད་གཏམ་རྒྱུད་ཕྱོགས་བསྡུས》སོགས་དཔེ་དེབ་རབ་དང་རིམ་པ་རྩོམ་སྒྲིག་བྱས་པ་ནས་མི་སྒེར་གྱི་རྩོམ་རིག་བརྩམས་ཆོས་14ཐོན་པའི་བར། རིག་རྩལ་ལས་ཀ་བྱེད་མཁན་མི་རབས་ནས་མི་རབས་ཀྱིས་རྩོམ་རྩལ་ལ་བརྟེན་ནས་བྱང་ཐང་གི་དམངས་ཁྲོད་རིག་གནས་རྒྱུན་འཛིན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

ད་ཐེངས་ཀྱི་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་བྱེད་སྒོ་ནི་ཤན་རྩ་རྫོང་རིག་རྩལ་ལྷན་ཚོགས་ཀྱིས་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པའི་འདུ་ཤེས་ལག་ལེན་བསྟར་བའི་བྱེད་ཐབས་ཞིབ་ཕྲ་ཞིག་ཡིན་ཞིང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་སློབ་གྲྭའི་དགེ་སློབ་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྫོང་ཡོངས་ཀྱི་རིག་རྩལ་ལས་དོན་པའི་རིག་གནས་གསར་གཏོད་ཀྱི་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ཏེ་རྫོང་ཁོངས་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བར་གསོན་ཤུགས་བསྣན་ཡོད།