འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་དུ་རྒྱལ་ཁབ་གློག་དྲ་སོག་རྫོང་གློག་གཏོང་ཀུང་སིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཏང་ཡོན་ཞབས་ཞུ་རུ་ཁག་སྒྲིག་འཛུགས་ཀྱིས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་བསྐྱོད་ནས། “ང་ཚོ་མཉམ་དུ་གློག་སྤྱོད་ཞིབ་བཤེར་བྱེད། ང་ནས་འགོ་བཙུགས་གློག་ལ་གྲོན་ཆུང་བགྱིས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བདེ་འཇགས་གློག་སྤྱོད་ཀྱི་སྒྲོག་འགྲེལ་དང་སློབ་གྲྭར་གློག་སྤྱོད་པའི་མངོན་མེད་རྐྱེན་ངན་ཡོད་མེད་ཀྱི་ཆེད་དོན་གྲལ་བཤེར་བྱས་ཏེ་སློབ་གྲྭར་བདེ་འཇགས་ངང་གློག་སྤྱོད་པའི་ཐད་ལ་འགན་ལེན་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། སྟོད་ཀོར་དམར་པོ་གྱོན་པའི་ཏང་ཡོན་ཞབས་ཞུ་རུ་ཁག་གིས་སློབ་གྲྭའི་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དགེ་སློབ་དང་། དེ་བཞིན་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་མི་སྣ་དང་བདེ་སྲུང་མི་སྣར་བདེ་འཇགས་ངང་གློག་སྤྱོད་པའི་རྒྱུན་ཤེས་དང་གློག་གྲོན་ཆུང་བྱེད་སྟངས། དེ་བཞིན་འཕྲལ་བསྟུན་ཐག་གཅོད་བྱ་ཐབས་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། དེ་དང་དུས་མཚུངས་ཡིག་རིས་གཉིས་ལྡན་གྱི“གློག་ཤུགས་ཀྱི་ཤེས་བྱ་ཀུན་བཏུས”ཀྱི་དྲིལ་བསྒྲགས་ལག་དེབ་དགེ་སློབ་ལ་སྤྲད་པས། ཚང་མའི་བདེ་འཇགས་ངང་གློག་སྤྱོད་པ་དང་ཚན་རིག་དང་མཐུན་པའི་ངང་གློག་སྤྱོད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད།