ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་གྲོང་གསེབ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མ་ལག་ཧུར་ཐག་སྐྲུན་པ་དང་། ཐོག་མཐའ་བར་གསུམ་དུ་ཐོན་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་མང་ཚོགས་ཀྱི་འབབ་འཕར་ལ་དམིགས་ཏེ་ཤུགས་རྒྱག་པ། བློ་ཁོག་ཆེན་པོས་ཞིང་ལས་དེང་རབས་ཅན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། གྲོང་གསེབ་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད། འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དགའ་ལྡན་པད་ཁའི་སྣུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་པས་པད་ཁའི་སྣུམ་དྭངས་གསིང་དབྱེ་བཞིན་པ།