ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཐོན་ཁུངས་ཀྱི་ལེགས་སར་གཞི་ཚུགས་པ་དང་མང་ཚོགས་ཀྱི་སྲོལ་རྒྱུན་གསོ་ཚགས་ལེགས་ཆར་བརྟེན་ནས་གསོ་ཚགས་དུད་ཆེན་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུད་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་ཆེད་སྒུལ་ནུས་ཆེན་པོ་བསྣན་ཡོད། འདི་ནི་མལ་གྲོ་གུང་དཀར་རྫོང་མལ་གྲོ་གུང་དཀར་གྲོང་རྡལ་སྐལ་བཟང་གྲོང་ཚོའི་རྒྱུད་བཟང་བཞོན་མ་གསོ་ཚགས་དུད་ཚང་གི་ཡུལ་མིས་ཕྱུར་བ་སྐེམ་བཞིན་པ།