《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月15日

སྣག་ཚའི་དྲི་དང་སྤོས་ཀྱི་ངད། དཔེ་ཀློག་ཁྲོད་དུ་བདེ་བར་སིམ།

ཟླ་4ཚེས་10ཉིན། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དུ“སྣག་ཚའི་དྲི་དང་སྤོས་ཀྱི་ངད། དཔེ་ཀློག་ཁྲོད་དུ་བདེ་བར་སིམ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་བ་རེད། དེ་གར“དཔེ་ཀློག་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་འབྲེལ”གཙོ་བོར་བྱས་ནས་རིག་གནས་སློབ་ཚན་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། དཔེ་ཀློག་བཅས་བཀོད་སྒྲིག་བྱས་ཏེ། གྲོང་མི་ཀློག་པ་པོ་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཅིང་། འདི་ནི་སྤོས་སྦྱོར་བཟོ་བོས་སྤོས་བཟོ་སྟངས་སློབ་བཞིན་པ།