འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། (གསར་འགོད་པ། ཚེ་ཁོ། འཕྲིན་སྤེལ་བ། དཔལ་ཐར་རྒྱལ) ཉེ་ཆར། 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཁུལ་ལས་དོན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་རེད། རྫོང(ཆུས)ཁག་གི་སྤྱི་ཚོགས་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བ་དང་། དྲག་འདེམས་གདན་ཞུ་དང་གདན་ཞུ་གསབ་འདེམས་ཀྱི་སྡེ་ཁུལ་ལས་དོན་པ་གསར་པ། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་སྡེ་ཁུལ་ལས་དོན་དོ་དམ་པ་སོགས་ཁྱོན་མི་193གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
བཀོད་སྒྲིག་གཞིར་བཟུང་། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ཁག་གཉིས་སུ་ཕྱེ་ཡོད་པ་དང་། ཟླ་4པའི་ཚེས་8ཉིན་ནས་ཚེས་21ཉིན་བར་གཉེར་རྒྱུ་རེད། དེའི་རིང་། ལྗོངས་ཕྱི་ནང་གི་མཐོ་སློབ་དང་གྲོང་ཨུད་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་དང་། སྤྱི་ཚོགས་ལས་དོན་གཙོ་སྐྱོང་སྡེ་ཚན་དང་ཕུལ་བྱུང་གི་སྡེ་ཁུལ་ལས་དོན་པ་གདན་དྲངས་ཏེ་སློབ་ཁྲིད་བྱ་རྒྱུ་དང་། “གཅིག་སྡུད་སློབ་ཁྲིད་དང་། གྱོད་དཔེར་གྲོས་བསྡུར། ས་གནས་ས་ཐོག་གི་སློབ་ཁྲིད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས། སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་གྱི་ཆེད་དོན་ཟུར་ཁྲིད་བྱེད་པ། ཏང་འཛུགས་སྐྱོང་ལས་དོན་དང་། སྡེ་ཁུལ་ལས་དོན། ཡིག་འབུལ་ཞུ་བཅར་ལས་དོན་བཅས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་བརྒྱུད་རིམ་ལྡན་པའི་ངང་སློབ་ཁྲིད་བྱ་རྒྱུ་མ་ཟད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”སློབ་སྦྱོང་དང་དར་སྤེལ་གཏོང་བ་དང་། སྡེ་ཁུལ་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་གི་ཆོས་ཉིད་དང་བྱ་ཐབས་སྐོར་ལ་བགྲོ་གླེང་བྱེད་པ། སྡེ་ཁུལ་ལས་དོན་པ་གསར་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། སྡེ་ཁུལ་ལས་དོན་པས་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བར་ཁྲིད་སྟོན་བྱ་རྒྱུ་རེད།