《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月10日

པར་རིས་གསར་འགྱུར།

ཉེ་ཆར། མཚོ་སྣ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དང་མཉམ་དུ་མཚོ་སྣ་གྲོང་ཁྱེར་སློབ་འབྲིང་དུ་བསྐྱོད་དེ། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ལང་ཚོར་སྲུང་སྐྱོང་བྱེད། དུག་འགོག་བཅའ་ཁྲིམས་ཁྱབ་གདལ་གྱིས་ལྕགས་རི་རིང་པོ་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དུག་འགོག་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ“གངས་ལྗོངས་ཀྱི་ན་གཞོན་གཤོག་རྩལ་ངོམ་པར་རམ་འདེགས་བྱེད”ཅེས་པའི་གཅེས་སྐྱོང་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།འདི་ནི་ལས་དོན་མི་སྣས་སློབ་མ་ཚོར་དུག་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་རྒྱག་བཞིན་པ།