《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月10日

སྙེ་མོ་རྫོང་གིས“ཆུ་དཔོན་དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན་བཅས་ཟུང་དུ་འབྲེལ་བའི”ཆུ་བོར་སྐོར་ཞིབ་བྱེད་པའི་ལས་ཀའི་ལམ་སྲོལ་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཆུ་དཔོན་དང་། ཆུ་བོའི་ཉེན་རྟོག་དཔོན། ཆུ་བོའི་ཅན་ཁྲ་ཀྲང་བཅས་ཀྱི་མཉམ་འགུལ་ལས་ཀའི་ལམ་སྲོལ་གྱི་ནུས་པ་གང་ལེགས་འདོན་པ་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་དང་། དོ་དམ། སྲུང་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྙེ་མོ་རྫོང་གི་ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱ་ཆེད། ཉེ་ཆར། སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་། སྤྱི་བདེ་ཅུས། ཆུ་དོན་ཅུས་སོགས་སྡེ་ཚན་གྱིས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་བྲག་སྐོར་ཤང་དུམ་བུར“ཆུ་དཔོན་དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན་བཅས་ཟུང་དུ་འབྲེལ་བའི”ཆུ་བོར་སྐོར་ཞིབ་དང་སྲུང་སྐྱོང་བྱ་སྤྱོད་སྤེལ་བ་རེད།

བྱ་སྤྱོད་སྤེལ་རིང་ས་གནས་ས་ཐོག་ཏུ་སྐོར་ཞིབ་བྱས་པ་བརྒྱུད་འབྲེལ་ཡོད་སྡེ་ཚན་ཁག་གིས་སྙེ་མོའི་བྲག་སྐོར་ཤང་དུམ་བུའི་ཆུ་ལམ་གྱི་ཁོར་ཡུག་གཙང་སྦྲ་དང་ཆུ་ལམ་བདག་སྐྱོང་གནས་ཚུལ་ལ་སྔར་བས་ཤེས་རྟོགས་ཐུབ་པ་དང་རྒྱུན་གཏན་གྱི་བདག་སྐྱོང་བྱེད་རིང་གི་དཀའ་གནད་ཁོང་དུ་ཆུད་ནས་གོམ་སྟབས་རྗེས་མའི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་སྙེ་མོ་རྫོང་གིས“ཆུ་དཔོན་དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན་བཅས་ཟུང་དུ་འབྲེལ་བའི”ཆུ་བོར་སྐོར་ཞིབ་ལས་ཀའི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆུ་བོའི་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྙེ་མོའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས“ཆུ་བོ་དྭངས་ཤིང་ཡུལ་ལྗོངས་མཛེས་ལ་མི་རྣམས་འཆམ་མཐུན”གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།