《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月09日

ཚན་རྩལ་ལ་བརྟེན་ནས“འབྱུང་འགྱུར་གྲོང་ཁྱེར”གྱི་རིག་ནུས་འཚོ་བ་གཏོད།

2017ལོར་ཁྱབ་བསྒྲགས་བྱས་ནས་བཙུགས་ཚུན། ཧོ་པེའི་ཞུང་ཨན་ཁུལ་གསར་མེད་པ་ནས་ཡོད་པའི་བར་དང་འཆར་གཞི་ནས་དངོས་ལྗོངས་བར་གྱི་འཕོ་འགྱུར་བྱུང་ནས་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཆགས་ཡོད། ད་ཆའི་ཞུང་ཨན་དུ་དེང་རབས་གྲོང་ཁྱེར་གྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པ་དང་དུས་རབས་གསར་པའི་ཚན་རྩལ་གསར་གཏོད་ལག་ལེན་གྱི་མཐོ་ས་མགྱོགས་མྱུར་ཆགས་བཞིན་ཡོད་ལ། “འབྱུང་འགྱུར་གྲོང་ཁྱེར”གྱི་གསར་གཏོད་འདུ་ཤེས་དང་རིག་ལྡན་འོད་ཟེར་གྱིས་འབྱུང་འགྱུར་ལ་འོད་སྣང་སྦྱིན་ཡོད། འདི་ནི་ཅིང་ཞུང་གྲོང་སྦྲེལ་ལྕགས་ལམ་གྱི་ཞུང་ཨན་འབབ་ཚུགས་ཡིན་པ།