ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ནགས་རིའི་དགེ་མཚན་ལ་གཞི་ཚུགས་ཏེ། ར་མོ་ཤག་ཆེན་ཐོན་ལས་དེ་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སུ་བརྩིས་ནས་འཕེལ་རྒྱས་བཏང་ཞིང་། ཁེ་ལས་དང་། མཉམ་ལས་ཁང་། འདེབས་འཛུགས་དུད་ཚང་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བའི་བྱ་ཐབས་བརྒྱུད། རི་སྔོན་ཆུ་དྭངས་དེ་དངོས་དངོས་རྗེན་རྗེན་གྱི“གསེར་དངུལ་རི”ལ་འགྱུར་བར་བྱས་ཡོད། འདི་ནི་སྤོ་བོ་རྫོང་ས་མཐོའི་ར་མོ་ཤག་ཆེན་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་འདེབས་འཛུགས་རྟེན་གཞིའི་ལས་དོན་པས་ར་མོ་ཤག་ཆེན་གྱི་སྡོང་རྐང་ལ་ཞིབ་ལྟ་བྱེད་བཞིན་པ།