འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་ལྗོངས་དྲ་རྒྱའི་བར་མཐོངས་དང་གྲངས་གཞིའི་བདེ་འཇགས་མཐུན་ཚོགས་ལྷ་སར་དངོས་སུ་བཙུགས་ཤིང་། དེ་ཐོག་ནས་རང་ལྗོངས་ཀྱི་དྲ་རྒྱའི་བར་མཐོངས་དང་གྲངས་གཞིའི་བདེ་འཇགས་ལས་རིགས་འཕེལ་རྒྱས་ཚད་ལྡན་ཅན་དང་རྩ་འཛུགས་ཅན་གྱི་དུས་མཚམས་གསར་པར་སླེབས་ནས། ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་བྱ་གཞག་འཕེལ་རྒྱས་ལ་ཆེད་ལས་ཀྱི་ལས་སྟེགས་བཏོད་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་དེ་ལྗོངས་ནང་ཁུལ་གྱི་དྲ་རྒྱའི་གཉེར་སྐྱོང་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ། གྲངས་གཞི་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པས་རང་མོས་ངང་གྲུབ་པའི་ས་གནས་རང་བཞིན་དང་། ལས་རིགས་རང་བཞིན། ཁེ་གཉེར་རང་བཞིན་མིན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་རེད། 2025ལོའི་ཟླ་10པར་སྤྱོད་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱས་པ་དང་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་བཙུགས་ནས་ཁག་དང་པོར་ཚོགས་མིའི་ཚན་པ་32ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།