ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མེ་ཟོན་བདེ་འཇགས་སྲུང་བའི་རིམ་སྤེལ་བྱ་སྤྱོད་སྤེལ་བ་རེད། རིམ་ཁག་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་མེ་སྐྱོན་གནས་ཚུལ་དང་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། བཟའ་བཏུང་རོལ་རྩེད་དང་། ཚོང་ཁང་དང་ཁྲོམ་ར། སྤྱི་ཚོགས་ཕན་བདེའི་སྒྲིག་གཞི། མཛོད་ཉར་ཟོག་འགྲུལ་སོགས་གཙོ་གནད་ཁུལ་ལ་དམིགས་པ། ལས་རིགས་སྡེ་ཚན་དང་དེ་བཞིན་གཞི་རིམ་གྱི་མི་སྣ་དང་ཟུང་འབྲེལ་བྱེད་པ། མེ་ཟོན་བདེ་འཇགས་ཀྱི་རོགས་སྐྱོར་མཛུབ་ཁྲིད་དང་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཁུངས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་འགོག་ཟོན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཆུ་མ་ཤོར་གོང་ནས་རགས་རྒྱག་ཐུབ་པ་བྱས་ཡོད།