《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཚན་རིག་དང་མཐུན་པའི་ངང་ལུས་གསོ་བྱེད། ཚེ་མཇུག་འཚོ་བ་སྐྱིད་པོས་རོལ།

ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས“ཚན་རིག་དང་མཐུན་པའི་ངང་ལུས་གསོ་བྱེད། ཚེ་མཇུག་འཚོ་བ་སྐྱིད་པོར་རོལ”ཞེས་པའི་བདེ་ཐང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བར་རྒན་རྒོན་40ལྷག་ཙམ་ཞུགས་པ་རེད། བྱེད་སྒོ་སྤེལ་རིང་། ལས་དོན་པས་རྒན་རྒོན་གྱི་བདེ་ཐང་བཟའ་བཏུང་དང་། ཚན་རིག་དང་མཐུན་པའི་ངང་ཆུ་འཐུང་བ། ལུས་སྦྱོང་འོས་འཚམ་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ཏེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གོ་ཆོད་པའི་ལུས་གསོའི་ཤེས་བྱ་ཁྲིད་པ་དང་ས་གནས་ས་ཐོག་ཏུ་རྒན་རྒོན་ཚོར་སྟབས་བདེའི་ལུས་སྦྱོང་ལུས་རྩལ་བསླབས་ཤིང་། རྒན་རྒོན་ཚོས་ནན་ཏན་ངང་ཉན་པ་དང་མཉམ་འགུལ་ཧུར་ཐག་བྱས་ནས་སྤྲོ་སྣང་ཁྲོད་བདེ་ཐང་ཤེས་བྱ་སྦྱངས་པ་རེད། འདི་ནི་རྒན་རྒོན་ཚོས་བདེ་ཐང་སྐོར་གྱི་འཆད་ཁྲིད་ཉན་བཞིན་པ།