《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

པར་རིས་གསར་འགྱུར།

ཉེ་ཆར། ལྷུན་གྲུབ་རྫོང་ཞིང་ལས་ཚན་རྩལ་ཅུས་ཁྱབ་སྤེལ་ས་ཚིགས་ཀྱིས་ཁོངས་གཏོགས་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་དུད་ཚང་ལ་ཞིང་སྨན་སྤྱོད་པའི་ཆེད་དོན་ཞིབ་བཤེར་བྱས་ཤིང་། ལས་དོན་མི་སྣ་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། རྩིས་ཁྲར་ལྟ་ཞིབ། སྤེལ་རེས་འདྲི་རྩད་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཁབ་ཀྱིས་གཏན་འགོག་དང་སྤྱོད་རྒྱུར་ཚོད་འཛིན་བྱས་པའི་ཞིང་སྨན་བེད་སྤྱོད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་མ་ཟད། རྩིས་ཁྲ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱེད་རྒྱུའི་སྐུལ་ལྕག་ཀྱང་བྱས་ཡོད། འདི་ནི་ལས་དོན་མི་སྣས་སྔོ་ཚལ་ལ་ཞིང་སྨན་ལྷག་རོ་ཡོད་མེད་ཐད་ཆེད་དོན་ཞིབ་བཤེར་བྱེད་བཞིན་པ།