འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་ཞབས་ཞུའི་རྣམ་གྲངས་རྫོང་དབང་སྐྱོན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་དངོས་སུ་གཉེར་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་དབང་པོ་སྐྱོན་ཅན་ལ་ཉིན་རེའི་ལྟ་རྟོག་དང་། ལུས་ཁམས་སླར་གསོར་གཞོགས་འདེགས། རྩལ་ནུས་གསོ་སྦྱོང་། སྲིད་ཇུས་ཀྱི་བློ་འདྲི་དང་སེམས་གསོ་སོགས་ཀྱི་དགོས་མཁོ་སྣ་ཚོགས་ལ་དམིགས་ཏེ། ཁྱོན་ཡོངས་ལ་ཁེབས་ཤིང་བྱེད་ནུས་འཐུས་སྒོ་ཚང་བའི་དབང་སྐྱོན་དོ་ཁུར་ཞབས་འདེཌ་མ་ལག་ཅིག་འཛུགས་རྒྱུ་ཡིན་པ་རེད། ཉིན་མོར་ལྟ་རྟོག་བྱེད་པ་དང་། ཆེད་ལས་ཀྱི་ལུས་ཁམས་སླར་གསོ་སྦྱོང་བརྡར། དངོས་སྤྱོད་ཀྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཞབས་འདེགས་རབ་དང་རིམ་པ་ཞུས་ཏེ། དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་དང་འཚམ་མཐུན་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་ནས། ཁོང་ཚོའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།