འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པ་སྣམ་རྫོང་གིས་2026ལོ་འཁོར་གྱི་གཞི་རིམ་སྒྲོག་འགྲེལ་པའི་འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་། རྫོང་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་111གི་གཞི་རིམ་སྒྲོག་འགྲེལ་པ་222མཉམ་དུ་འཛོམས་ནས་སྒྲོག་འགྲེལ་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱ་རྒྱུར་དམིགས་ཏེ་ཆེད་དོན་སློབ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང“སྒྲོག་འགྲེལ་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་པའི”བརྗོད་དོན་གཙོ་བོ་དང་། གཞི་རིམ་སྒྲོག་འགྲེལ་པའི“སྲིད་ཇུས་ཤེས་པ་དང་། བརྡ་སྤྲོད་ཐུབ་པ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ”བཅས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་གསོ་སྦྱོང་ཧུར་ཐག་བྱས་པས། སྲིད་ཇུས་དྲིལ་བསྒྲགས་ལས་དོན་སྔར་བས་དྲོ་སྐྱིད་ལྡན་པ་དང་དམངས་སེམས་དང་ཉེ་བཅར་ཐུབ་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་། ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་ཡོང་བར་སྐུལ་མ་ཐེབས་ཡོད།
པ་སྣམ་རྫོང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གཞི་རིམ་སྒྲོག་འགྲེལ་པའི“གསོ་སྦྱོང་དང་། ལག་ལེན། དཔྱད་ཞིབ་བཅས་ཟུང་འབྲེལ”གྱི་ཕུགས་ཕན་གསོ་སྦྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ཀྱི་གཡུལ་སའི་ནུས་པར་བརྟེན་པ་ནས་ཕུལ་བྱུང་སྒྲོག་འགྲེལ་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་རྒྱུན་རྣམ་ཅན་གྱི་མཛུབ་ཁྲིད་ཟམ་མི་ཆད་པར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།