ཉེ་ཆར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་ཏང་ཡོན་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། གཞོན་ནུ་ལས་བཟོ་བཅས་སྒྲིག་འཛུགས་བྱས་ཏེ། “ལེ་ཧྥུང་ལ་སློབ་སྦྱོང་ཞུ། ཁྱིམ་གཞིས་ལ་གཙང་སྦྲ་བྱེད”ཅེས་པའི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་བ་རེད། མི་ཚང་མས་རྣམ་གྲངས་ཀྱི་བཅའ་སྡོད་བྱ་ཡུལ་ཉེ་འགྲམ་གྱི་ཁྲོམ་གཞུང་གཙོ་བོ་དང་། སྔོ་ལྗང་ཁུལ། ཡུར་བུ་སོགས་སུ་ལེབ་བཤེར་རྣམ་པའི་གཙང་སེལ་བྱས་ནས། ཁོར་ཡུག་མཛེས་སུ་དང་ཁོར་ཡུག་འཕྲོད་བསྟེན་ལས་བཟོའི་ཁུར་པོ་ཡང་དུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་མིའི་དབར་གྱི་སེམས་ཐག་ཉེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་མཉམ་དུ་བཏོད་ཡོད། འདི་ནི་དང་བླངས་པས་གད་སྙིགས་སྒྲུག་བཞིན་པ།