《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཁྲེང་ཀོན་ཆུས་ཀྱིས།

ཁུལ་ཆུང་8ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་མ་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས་ཁུལ་ཆུང་8ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་མ་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ་ལས་ཐེམ་དུད་3287གྱི་གྲོང་མིར་ཕན་པ་ཐོབ་སྟེ། ལོ་མང་པོར་རེ་སྒུག་བྱེད་པའི་གཏན་འཇགས་རྒྱུ་ནོར་ལག་ཁྱེར་བདེ་བླག་ངང་རག་ནས“ལག་ཁྱེར་གཉེར་དཀའ་བའི”དཀའ་ངལ་ཏན་ཏིག་སེལ་ཐུབ་ཡོད།

ད་རེས་ཀྱི་དཀའ་ངལ་སེལ་བའི་ལས་དོན་དེ་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་རིམ་གཉིས་སྲིད་གཞུང་གི་སྤྱི་འདོམས་དང་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་མཛུབ་ཁྲིད་འོག་སྐུལ་འདེད་དང་ཁྲེང་ཀོན་ཆུས་རང་བྱུང་ཐོན་ཁུངས་ཅུས་ཀྱིས་སྡེ་ཚན་མང་པོ་དང་མཐུན་སྦྱོར་འགག་སྒྲོལ་བྱས་པའི་ཐོག “སྔོན་དུ་སླ་བ་བསྒྲུབས་པ་དང་རྗེས་སུ་དཀའ་བ་སྒྲུབ་པ། ལག་ཁྱེར་གཉེར་བ་དང་གྲོན་དངུལ་འཇལ་རྒྱུ་ལོགས་སུ་དབྱེ་བའི”རྩ་དོན་ལ་གཞིགས་ཏེ། “གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་བ་རེར་བརྡ་ཁྱབ་གཏོང་བའི”ལམ་སྲོལ་བཙུགས་ནས་ས་ཆ་ནང་བཤུག་གཏོང་བའི་དངུལ་སོགས་འགག་རྩའི་གནད་དོན་ལ་དམིགས་ཏེ་ཚན་རིག་དང་མཐུན་པའི་ཇུས་གཞི་བཟོས་ནས་སྲིད་ཇུས་ཀྱི་མཐའ་ཚད་ནན་པོ་སྲུང་བའི་རྨང་གཞིའི་འོག མང་ཚོགས་ལ་ཁེ་ཕན་གང་ལེགས་ཐོབ་པར་འགན་ལེན་བྱས་ཡོད།

ཁ་བཏགས་ལས་བཟོའི་ཁུལ་ཆུང་དང་། ར་མོ་ཆེ་ཁ་བཏགས་ཁུལ་ཆུང་སོགས་ཀྱི་ལོ་བཅུ་ལྷག་ཙམ་དང་ཐ་ན་ལོ་ཉི་ཤུ་ཙམ་རིང་ལག་ཁྱེར་གཉེར་མ་ཐུབ་པར་ལུས་པའི་གྲོང་མིའི་དཀའ་ངལ་རྦད་དེ་ཐག་གཅོད་ཐུབ་པ་དེས་ས་ཁང་ཉོ་ཚོང་དང་དངུལ་བུན་གཏོང་བ་སོགས་ཀྱི་འགག་གནད་བསལ་ཐུབ་སྟེ་མང་ཚོགས་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།