འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་2026ལོའི་ཞིང་ནང་ཆུ་བེད་སྒྲིག་ཆས་ཆུང་གྲས་ཀྱི“འཚོ་རྟེན་ལས་སྤྲོད”ཀྱི་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་ཤ་གསོས་ཤང་ཤ་གསོས་གྲོང་ཚོར་འཚོགས་ནས་ཁོངས་གཏོགས་ཁུལ་གྱི་ཞིང་འབྲོག་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་དམིགས་ཡུལ་ནི་ཡུལ་དེ་གའི་ཞིང་ནང་ཆུ་བེད་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་རྒྱུ་མ་ཟད། “འཚོ་རྟེན་ལས་སྤྲོད”ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཐད་ཀར་འཛུགས་སྐྲུན་ནང་ཞུགས་ཏེ་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ནས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་400བཏང་བ་དེ་ཤ་གསོས་ཤང་ཤ་གསོས་གྲོང་ཚོ་དང་འཕྱོངས་རྒྱས་གྲོང་རྡལ་གྱི་དོན་མཁར་སྡེ་ཁུལ་སོགས་ཀྱི་ཤང་3དང་གྲོང་རྡལ་1གི་གྲོང་ཚོ(སྡེ་ཁུལ)11ལ་ཁྱབ་ཅིང་། གཙོ་བོ་ཡུར་བུ་ཉམས་བཟོ་དང་། ཆུ་རགས་བརྟན་གཏོང་། ལྷན་སྦྱར་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་གྲྭ་ཚུད་ཡོད། སྔོན་རྩིས་བྱས་ན། ཡུལ་དེ་གའི་མང་ཚོགས་180ལྷག་ཙམ་ལས་ཀར་ཞུགས་ཏེ་ངལ་ནུས་གླ་ཆ་ཁྱོན་སྒོར་ཁྲི་200ཙམ་སྤྲད་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.2ཙམ་ཡོང་རྒྱུ་རེད།