《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཕུལ་བྱུང་རིག་གནས་རྒྱུན་འཛིན་གང་ལེགས་ཀྱིས། རིག་གནས་ཡུལ་སྐོར་དར་བར་མཐུན་རྐྱེན་སྦྱོར།

འདི་ནི་སྙན་སྒྲོན་པ་གཙོ་བོ་ཚོས་ཟུར་མཁར་སྨན་སྤོས་བཟོ་སྟངས་ཉམས་ལེན་དང་ཐད་གཏོང་བྱེད་བཞིན་པ།

འདི་ནི་ལ་ཐོག་ཤང་རྩྭ་གྲོང་ཚོའི་ཟུར་མཁར་སྨན་སྤོས་ལས་སྣོན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཟུར་ཞིག་ཡིན་པ།

ཉེ་ཆར། “དྭགས་པོ་འཚོལ་ཞིབ་དང་། སྐྱེ་ཁམས་སྲུང་སྐྱོང་། རིག་གནས་རྒྱུན་འཛིན”བཅས་བརྗོད་དོན་གཙོ་བོར་བྱས་པའི་སྣང་རྫོང་གི“དྭགས་པོའི་ཡིད་དབང་འཕྲོག་ཤུགས”ཀྱི་རིག་གནས་དང་ཡུལ་སྐོར་ཉམས་ལེན་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཡོད། དྲ་ཐོག་གྲགས་ཅན་གྱི་སྙན་སྒྲོན་པ་གཙོ་བོ་སྔ་རྗེས་སུ་སྣང་རྫོང་སྐྱེམས་སྟོང་ཤང་དང་། ལ་ཐོག་ཤང་། སྣང་གྲོང་རྡལ་སོགས་སུ་བསྐྱོད་ནས་ས་གནས་དེ་གའི་ལོ་རྒྱུས་རིག་གནས་དང་། ས་མཐོའི་སྐྱེ་ཁམས། དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་བཅས་དབྱིངས་ཞུགས་རྣམ་པའི་སྒོ་ནས་ཉམས་ལེན་བྱས་ཡོད། ལ་ཐོག་ཤང་རྩ་གྲོང་ཚོར་སྙན་སྒྲོན་པ་གཙོ་བོ་ཚོས་ཟུར་མཁར་སྨན་སྤོས་བཟོ་སྟངས་དང་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཤེས་རྟོགས་གཏིང་ཟབ་བྱས་ནས། གསོན་ཉམས་དོད་པའི་བརྙན་ཐུང་པར་ལེན་དང་དབྱིངས་ཞུགས་རྣམ་པའི་ཐད་གཏོང་སོགས་བརྒྱུད་ཟུར་མཁར་སྨན་སྤོས་དང་བོད་སྨན་གྱི་ལོ་ངོ་སྟོང་གི་བློ་གྲོས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་པར་བྱས་ཡོད།