འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཁག་བཅུ་གཉིས་པར་མིང་འདོགས་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པའི་ནང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཁག་བཅུ་གཉིས་པའི”མཚན་སྙན་ཐོབ་ཡོད།
ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་སི་ཁྲོན་གྱི་ཁྲེང་ཏུའུ་དང་། ཏེ་དབྱང་། སུའེ་ཉིང་། མེ་ཧྲན་སོགས་ཀྱི་ཁྲལ་དོན་སྡེ་ཚན་དང་མཉམ་དུ《ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཁྲལ་བསྡུའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་སྟེ། རོགས་སྐྱོར་གྱི་མ་དངུལ་ནང་འདྲེན་བྱས་ནས་གཞི་རིམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་སྦྲགས་ལས་བྱེད་པ་ལྗོངས་ཕྱིར་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་སྟེ། ས་ཁོངས་སྒྲོལ་བའི་འགྲོ་འོང་དང་སྤེལ་རེས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་གསོན་ཤུགས་གསར་པ་བསྣན་ཡོད།
ཇུས་འགོད་ཞིབ་ཚགས་བྱས་པའི“ཁྲལ་དོན་ཉམས་འགྱུར་གྱི་འབྲི་གཡག་རིག་གནས་ཁང”གི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་དེ་2024ལོར“ནག་ཆུ་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུཌ་སློབ་གསོའི་རྟེན་གཞིར”བདམས་ནས་ལས་རིགས་ཁག་ལས་འོང་བའི་ལྟ་སྐོར་བ་མི་ཐེངས་2000ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། དེ་དང་ཆབས་ཅིག གྲོང་ཁྱེར་དང་རྫོང་ཁྲལ་དོན་ཅུས་སུ“མི་རིགས་མཐུན་སྒྲིལ་སྲིད་ཇུས་ཀྱི་ཆེད་བསྒྲིགས་ལེ་ཚན”བཟོས་ཏེ། ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐར་ཁུང”13དང“བོད་རྒྱ་སྐད་གཉིས”ཀྱི་ཞབས་ཞུའི་སྐར་ཁུང་14བཙུགས་ནས་རིག་གནས་སྤེལ་རེས་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མཉམ་དུ་སྒྲུབ་པར་སྐུལ་འདེད་ཀྱང་བཏང་ཡོད།
གཞན་ཡང་། ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་མཚོ་སྟོད་ཤང་དང་སྙེའུ་ཤང་གི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ“དུས་རབས་གསར་པའི‘ཧྥེང་ཆའོ་རྣམ་པའི’ཁྲལ་དོན་ལག་ལེན་ས་ཚིཌ”བཙུགས་ནས“ཁྲལ་བསྡུ་མཁན་དང་ཁྲལ་འཇལ་མཁན་མཉམ་འགུལ་དང་། ཁྲལ་བསྡུའི་ཞབས་ཞུའི་ཚོམས་ཆེན། ཁྲལ་བསྡུའི་ཞབས་ཞུའི་ས་ཚིཌ་eབཅས་ཟུང་འབྲེལ”གྱི་སྣ་མང་ཞབས་ཞུའི་མ་ལག་བཙུཌ་ཏེ་ཁྲལ་སྒྲུབ་ཞབས་ཞུ་འབྲོག་པའི“གུར”ནང་བསྒྲུབས་ནས། “མཐའ་མའི་འགག་གནད”དེ“བར་ཐག་ཉེ་ཤོས”སུ་འགྱུར་བར་བྱས་ལ། ད་དུང་བོད་སྐད་ཀྱི“མཐོང་ལམ་ལན་འདེབས”ཀྱི་ཐད་གཏོང་ཁང་བཏོད་པར་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་ཡན་ལ་ཕན་པ་ཐོབ་པ་མ་ཟད། “ཁྲལ་བསྡུའི་ནས”ཞེས་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས“མི་རིགས་མཐུན་སྒྲིལ་གྱི་བསམ་བློ་ཆབ་སྲིད་ཀྱི་སྐོར་སྐྱོད་སློབ་ཚན”ཡང་གཏོད་ཡོད་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)