《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

རྫོང(ཆུས་དང་གྲོང་ཁྱེར)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་སྐལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

(2026ལོའི་ཟླ་3ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་སྐལ་གཏན་འབེབས་བྱས་པ་གཤམ་གསལ་ཏེ།

ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་ལ་ཁོངས་མི་35དང་། སྟོད་ལུང་བདེ་ཆེན་ཆུས་ལ་ཁོངས་མི་33 སྟག་རྩེ་ཆུས་ལ་ཁོངས་མི་31 སྙེ་མོ་རྫོང་ལ་ཁོངས་མི་31 ཆུ་ཤུར་རྫོང་ལ་ཁོངས་མི་31 མལ་གྲོ་གུང་དཀར་རྫོང་ལ་ཁོངས་མི་33 ལྷུན་གྲུབ་རྫོང་ལ་ཁོངས་མི་33 འདམ་གཞུང་རྫོང་ལ་ཁོངས་མི་33བཅས་ཡིན།

གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་ལ་ཁོངས་མི་35དང་། རྒྱལ་རྩེ་རྫོང་ལ་ཁོངས་མི་33 པ་སྣམ་རྫོང་ལ་ཁོངས་མི་33 གྲོ་མོ་རྫོང་ལ་ཁོངས་མི་31 གཉའ་ནང་རྫོང་ལ་ཁོངས་མི་31 ལྷ་རྩེ་རྫོང་ལ་ཁོངས་མི་33 ངམ་རིང་རྫོང་ལ་ཁོངས་མི་33 དིང་རི་རྫོང་ལ་ཁོངས་མི་33 རྣམ་གླིང་རྫོང་ལ་ཁོངས་མི་33 ས་སྐྱ་རྫོང་ལ་ཁོངས་མི་33 བཞད་མཐོང་སྨོན་རྫོང་ལ་ཁོངས་མི་33 གཏིང་སྐྱེས་རྫོང་ལ་ཁོངས་མི་31 རིན་སྤུངས་རྫོང་ལ་ཁོངས་མི་31 ས་དགའ་རྫོང་ལ་ཁོངས་མི་31 ཁང་དམར་རྫོང་ལ་ཁོངས་མི་31 སྐྱིད་གྲོང་རྫོང་ལ་ཁོངས་མི་31 འབྲོང་པ་རྫོང་ལ་ཁོངས་མི་31 གམ་པ་རྫོང་ལ་ཁོངས་མི་31བཅས་ཡིན།

ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་ཆུས་ལ་ཁོངས་མི་33དང་། འཕྱོངས་རྒྱས་རྫོང་ལ་ཁོངས་མི་31 གྲ་ནང་རྫོང་ལ་ཁོངས་མི་31 གོང་དཀར་རྫོང་ལ་ཁོངས་མི་33 སྣ་དཀར་རྩེ་རྫོང་ལ་ཁོངས་མི་31 ལྷོ་བྲག་རྫོང་ལ་ཁོངས་མི་31 མཚོ་སྨད་རྫོང་ལ་ཁོངས་མི་31 མཚོ་སྣ་གྲོང་ཁྱེར་ལ་ཁོངས་མི་31 ལྷུན་རྩེ་རྫོང་ལ་ཁོངས་མི་31 ཆུ་གསུམ་རྫོང་ལ་ཁོངས་མི་31 རྒྱ་ཚ་རྫོང་ལ་ཁོངས་མི་31 ཟངས་རི་རྫོང་ལ་ཁོངས་མི་31བཅས་ཡིན།

ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཆུས་ལ་ཁོངས་མི་33དང་། སྨན་གླིང་གྲོང་ཁྱེར་ལ་ཁོངས་མི་31 ཀོང་པོ་རྒྱ་མདའ་རྫོང་ལ་ཁོངས་མི་31 སྣང་རྫོང་ལ་ཁོངས་མི་31 སྤོ་བོ་རྫོང་ལ་ཁོངས་མི་31 རྫ་ཡུལ་རྫོང་ལ་ཁོངས་མི་31 མེ་ཏོག་རྫོང་ལ་ཁོངས་མི་31བཅས་ཡིན།

ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ཆུས་ལ་ཁོངས་མི་35དང་། འཇོ་མདའ་རྫོང་ལ་ཁོངས་མི་35 གོ་འཇོ་རྫོང་ལ་ཁོངས་མི་31 བྲག་གཡབ་རྫོང་ལ་ཁོངས་མི་33 སྨར་ཁམས་རྫོང་ལ་ཁོངས་མི་33 མཛོ་སྒང་རྫོང་ལ་ཁོངས་མི་33 དཔའ་ཤོད་རྫོང་ལ་ཁོངས་མི་33 ལྷོ་རོང་རྫོང་ལ་ཁོངས་མི་33 དཔལ་འབར་རྫོང་ལ་ཁོངས་མི་31 སྟེང་ཆེན་རྫོང་ལ་ཁོངས་མི་35 རི་བོ་ཆེ་རྫོང་ལ་ཁོངས་མི་33བཅས་ཡིན།

ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་ལ་ཁོངས་མི་35དང་། ཨ་མདོ་རྫོང་ལ་ཁོངས་མི་31 སྙན་རོང་རྫོང་ལ་ཁོངས་མི་31 ལྷ་རི་རྫོང་ལ་ཁོངས་མི་31 འབྲི་རུ་རྫོང་ལ་ཁོངས་མི་33 སོག་རྫོང་ལ་ཁོངས་མི་33 སྦྲ་ཆེན་རྫོང་ལ་ཁོངས་མི་33 དཔལ་མགོན་རྫོང་ལ་ཁོངས་མི་31 ཤན་རྩ་རྫོང་ལ་ཁོངས་མི་31 ཉི་མ་རྫོང་ལ་ཁོངས་མི་31 མཚོ་གཉིས་རྫོང་ལ་ཁོངས་མི་31བཅས་ཡིན།

མངའ་རིས་ས་ཁུལ་གྱི་སྒར་རྫོང་ལ་ཁོངས་མི་31དང་། སྤུ་ཧྲེང་རྫོང་ལ་ཁོངས་མི་31 རྩྭ་མདའ་རྫོང་ལ་ཁོངས་མི་31 རུ་ཐོག་རྫོང་ལ་ཁོངས་མི་31 དགེ་རྒྱས་རྫོང་ལ་ཁོངས་མི་31 སྒེར་རྩེ་རྫོང་ལ་ཁོངས་མི་31 མཚོ་ཆེན་རྫོང་ལ་ཁོངས་མི་31བཅས་ཡིན།

རྫོང(ཆུས་དང་གྲོང་ཁྱེར)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་སྐལ་སྐབས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁོངས་མིའི་འགན་ཁུར་རིང་འགྱུར་བ་གཏོང་གི་མིན།