《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月31日

སྲིད་དོན་ལས་རྗེས་ལྟ་བའི“དྲི་བ་གསུམ”ལ་ལན་ཡག་པོ་རྒྱག་དགོས།

སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་བཅས་ནི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་དྲི་བ་ཞིག་རེད་ལ། དུས་རབས་དང་ལག་ལེན་གྱི་དྲི་བ་ཞིག་ཀྱང་རེད།

★ གང་ཞིག་ལ་སྲིད་དོན་ལས་རྗེས་ལྟ་བ་ཟེར།

སྲིད་དོན་ལས་རྗེས་ལྟ་བ།

དེ་ནི་སྲིད་དོན་ལས་རྗེས་ལ་འཛིན་པའི་རྩ་བའི་ལྟ་བ་དང་སྤྱིའི་ལྟ་ཚུལ་ཞིག་རེད།

དེ་ནི་སྲིད་དོན་སྒྲུབ་རིང་གི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་མཚོན་ཚུལ་ཞིབ་ཕྲ་ཞིག་རེད།

དེ་ནི་འགོ་ཁྲིད་ལས་བྱེད་པས་སྲིད་དོན་སྒྲུབ་པ་དང་། ལས་དོན་སྒྲུབ་པ། ཐེག་པ་ཁུར་ལེན་བཅས་བྱེད་རིང་ཐོབ་པའི་གྲུབ་འབྲས་དངོས་ཀྱི་ཐད་ཀའི་མཚོན་ཚུལ་ཞིག་རེད།

སྲིད་དོན་ལས་རྗེས་ལྟ་བ་གང་འདྲ་ཞིག་གིས་ཏང་ཡོན་ལས་བྱེད་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་དང་ཏང་གཤིས་ཀྱི་སྤྱོད་ཚུལ་མཚོན་ཐུབ་བམ།