《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月30日

ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི“སྐར་ཆའི་རྩིས་ནུས”ཆེད་དོན་བྱ་སྤྱོད་ཀྱི་གྲོང་ཁྱེར་ཁག་དང་པོར་བདམས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུས《2026ལོའི་ལོ་འཁོར་གྱི་གྲོང་ཁོངས་ཀྱི“སྐར་ཆའི་རྩིས་ནུས”ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་གྲོང་ཁོངས་ཀྱི“སྐར་ཆའི་རྩིས་ནུས”ཁག་དང་པོའི་ལག་བསྟར་ཁྱབ་ཁོངས་ཁ་གསལ་བཟོས་པ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་ས་ཁུལ་དང་གྲོང་ཁྱེར(ཆུས་དང་རྫོང)50ལ་ཁྱབ་ཡོད་ཅིང་། དེའི་ནང་ལྷ་ས་གྲོང་ཁྱེར་མིང་ཐོ་ཁག་དང་པོའི་ནང་ཚུད་པ་དང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་ལག་བསྟར་ཚན་པ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བཟོ་འཕྲིན་པུའི་བཀོད་སྒྲིག་གཞིར་བཟུང་། ད་ཐེངས་ཀྱི་བྱ་སྤྱོད་ནང་ཞིབ་ཕྲའི་དམིགས་ཚད་གསུམ་ཁ་གསལ་བཏོན་པ་སྟེ། རྩིས་ནུས་ལྟེ་གནས་དབར་ཕན་ཚུན་སྦྲེལ་མཐུད་བྱེད་པའི་དུས་ཚོད་སྐར་ཆ་1ལས་མི་འགོར་བ་དང་། གཙོ་གནད་ཁུལ་དུ་རྩིས་ནུས་ཐོན་ཁུངས་སྦྲེལ་མཐུད་བྱེད་པའི་དུས་ཚོད་སྐར་ཆ་1ལས་མི་འགོར་བ། མཐའ་སྣེའི་སྤྱོད་མཁན་ལ་ཕྱོགས་པའི་རྩིས་ནུས་སྤྱོད་པའི་དུས་ཚོད་སྐར་ཆ་10ལས་མི་འགོར་བ་བྱ་རྒྱུ་བཅས་རེད། 2027ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ས་ཁོངས་ཧྲིལ་པོར་ཁྱབ་པའི་གྲོང་ཁོངས་ཀྱི་སྐར་ཆའི་རྩིས་ནུས་དྲ་རྒྱའི་ནུས་པའི་མ་ལག་གཞི་རྩའི་ཆ་ནས་ཁྱབ་པ་བྱ་རྒྱུ་རེད།