ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་རམ་འདེགས་བྱས་ནས་སྤྱི་གླིང་སྲུང་སྐྱོང་བར་དྲོ་སྐྱིད་སྦྱིན”པའི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས། འཐབ་ས་དང་པོའི་ལས་དོན་པར་ཐུགས་ཁུར་དང་གུས་བཀུར་ཞུ་ལུགས་མཚོན་པར་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་འཚམས་འདྲི་ཚོགས་ཆུང་གིས་འཐབ་ས་དང་པོའི་ལས་དོན་པར་འཚམས་འདྲིའི་དངུལ་དང་། དྲོད་སྲུང་ནོར་ནོར། རྒྱབ་བསྙེས་སོགས་འཚམས་འདྲིའི་དངོས་པོ་སྤྲད་པ་རེད། འདི་ནི་འཚམས་འདྲིའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།