《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月25日

གཉའ་ནང་རྫོང་འགྲམ་གྲོང་རྡལ་གྱིས།

“དཔྱིད་གསར་རྣམ་གསར། བདེ་ཐང་སྲུང་སྐྱོང”གི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། གཉའ་ནང་རྫོང་འགྲམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འགྲམ་སྨན་ཁང་དང་མཉམ་དུ“དཔྱིད་གསར་རྣམ་གསར། བདེ་ཐང་སྲུང་སྐྱོང”ཞེས་བརྗོད་དོན་གཙོ་བོར་བྱས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་འཁྲིས་སུ་སྟབས་བདེ་དང་གནད་སྨིན་གྱི་བདེ་ཐང་ཞབས་འདེགས་ཞུས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་ནི་དཔྱིད་ཚུགས་དུས་ཀྱི་བདེ་ཐང་གི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ་གཅིག་འཐུས་རྣམ་པའི་དམངས་ཕན་བདེ་ཐང་ཞབས་འདེགས་ཞུས་ཡོད། ས་གནས་ས་ཐོག་ཏུ་འོས་འགན་སྨན་བཅོས་བློ་འདྲིའི་ཁུལ་བཙུགས་ནས་དང་བླངས་པས་གྲོང་མིར་རིན་པ་མི་དགོས་པར་ཁྲག་ཤེད་དང་ཁྲག་མངར་བརྟག་པ་དང་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། དབུགས་ལམ་གྱི་ནད་དང་སྙིང་ཀླད་ཁྲག་རྩའི་གཅོང་ནད་སོགས་ཀྱི་གནད་དོན་ལ་ཆེད་ལས་ཀྱི་ལན་བཏབ་སྟེ་ཚན་རིག་དང་མཐུན་པའི་སྨན་སྤྱོད་སྟངས་དང་རྒྱུན་གཏན་གྱི་ལུས་པོ་གསོ་སྟངས་མཛུབ་ཁྲིད་བྱས་པ་རེད།