《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月25日

ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས།

“སྐལ་བཟང་མེ་ཏོག”ཞིང་གསུམ་དངུལ་རྩའི་སློབ་ཁང་ཆེ་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་སྟག་རྩེ་ཆུས་ཐང་དཀར་ཤང་ཐང་དཀར་གྲོང་ཚོར“སྐལ་བཟང་མེ་ཏོག”ཞིང་གསུམ་དངུལ་རྩའི་སློབ་ཁང་ཆེ་མོའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོས་ཞིང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་གོ་ཆོད་ཤོས་ཀྱི་དངུལ་རྩའི་དགོས་མཁོར་གཞིགས་ནས་སྒྲོག་འགྲེལ་བྱས་ཤིང་། ལས་དོན་པས་འབོར་ཉུང་དབུལ་སྐྱོར་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་དང་དེ་གཉེར་བའི་བརྒྱུད་རིམ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། “ཞིང་ཕན་eདངུལ་བུན”སོགས་ཞིང་འབྲེལ་གྱི་དམིགས་བསལ་ཡིད་རྟོན་དངུལ་བུན་ཐོན་རྫས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད། དེ་དང་ཆབས་ཅིག ཉེ་འགྲམ་གྱི་དཔེ་མཚོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་དངུལ་རྩའི་ཁ་བསླུས་ཀྱི་རྒྱུན་ཐོན་བྱེད་ཐབས་དང་སྤྱོད་གོ་ཆོད་པའི་ཁ་བསླུས་འགོག་ཐབས་ཁྱབ་གདལ་བཏང་བ་དང་། ཡིད་རྟོན་ཐད་ཀྱི་འབྲེལ་ཡོད་རྨང་གཞིའི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད། གཞན་ཡང་། ད་དུང་ས་ཡུལ་དངོས་སུ་མཉམ་འགུལ་དོགས་གནད་ལ་ལན་འདེབས་པའི་ལྷུ་ཚིགས་བཀོད་སྒྲིག་བྱས་ཤིང་། ལས་དོན་པས་མང་ཚོགས་ཀྱིས་བཏོན་པའི་དངུལ་རྩའི་གནད་དོན་སྣ་ཚོགས་ལ་དམིགས་ནས་ངང་རྒྱུད་རིང་པོས་ལན་ཞིབ་ཚགས་བརྒྱབ་པ་རེད།