《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月24日

དཔྱིད་རྨོད་ལས་ལ་གཞོལ། རེ་བའི་འབྲས་བཟང་བཏབ།

ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཞིང་ནང་དུ་ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་མཛད་སྒོ་ཚ་ཚ་འུར་འུར་ངང་འཚོགས་ཤིང་། ས་གནས་ས་ཐོག་ཏུ་སྐར་ལྔའི་དར་དམར་བཏགས་པའི་འདྲུད་འཐེན་འཕྲུལ་འཁོར་དམར་པོ་བང་བསྒྲིགས་ནས་ཞིང་ནང་དུ་བསྐྱོད་དེ་དཔྱིད་རྨོད་ལས་ལ་བྲེལ། གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ནང་དུ་འཛོམས་ནས་ཕན་ཚུན་མཆོད་ཆང་བཀྱག་རེས་དང་ཁ་བཏགས་གཡོག་རེས་སོགས་ལོ་ངོ་སྟོང་རིང་རྒྱུན་འཛིན་བྱས་པའི་ཞིང་རྨོའི་སྲོལ་རྒྱུན་དེ་དེང་རབས་ཞིང་འཕྲུལ་དང་མཉམ་འདྲེས་ཡག་པོ་བྱས་ཡོད།

འདི་ནི་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་ཡུལ་ཡིན་པ།