《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月24日

ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི“‘ལོ་ལྔ་ཚན་བཅོ་ལྔ་པར’དམིགས་ནས་འཐུས་མིས་གདོང་ལེན་པ་བྱེད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་22གནས་ཚུལ་འབྱོར་གསལ། ཚེས་18ཉིན། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི“‘ལོ་ལྔ་ཚན་བཅོ་ལྔ་པར’དམིགས་ནས་འཐུས་མིས་གདོང་ལེན་པ་བྱེད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཀེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་རྒྱ་ཆེའི་འཐུས་མིས་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བླངས་ཏེ་བྱེད་སྒོར་ཞུགས་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། འགན་འཁྲིར་གཞི་ཚུགས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས“རིམ་བཞིའི་མི་དམངས་འཐུས་ཚོགས་མཉམ་འགུལ་དང་རིམ་ལྔའི་འཐུས་མིས་བྱ་སྤྱོད་སྤེལ་ཐུབ་པ”བྱེད་པ་དང་། ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་བྱེད་སྒོ་སྤེལ་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཆེད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།