ཟླ་3ཚེས་16ཉིན། དུས་ཡུན་ཉིན་གསུམ་གྱི་ཀྲུང་གོ་ཚི་ཤིས་ཁྱིམ་སྤྱོད་གློག་ཆས་འགྲེམས་ཚོགས་སྐབས་ཉེར་གཅིག་པ་ཀྲེ་ཅང་ཞིང་ཆེན་ཚི་ཤིས་གྲོང་ཁྱེར་ཚི་ཤིས་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས“གསར་གཏོད་དང་། ཐོན་རྫས་གསར་གཏོད། སྤུས་རྟགས་གསར་གཏོད”བཅས་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁང་ཆེན་པོ་5ཡོད་ལ། ཁྱིམ་སྤྱོད་གློག་ཆས་ཁེ་ལས་500ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་ནས་ཐབ་ཚང་དང་། འཚོ་བ། མི་སྒེར་གྱི་གཙང་སྦྲའི་གློག་ཆས། གཅེས་ཉར་སྲོག་ཆགས་ཀྱི་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་རིགས་སྣ་ཚོགས་འགྲེམས་སྟོན་བྱས་པ་རེད།
འདི་ནི་ཚེས་16ཉིན་ཚོང་པས་འགྲེམས་ཚོགས་ཐོག་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་པ།