འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་ཚན་རྩལ་ཁྱབ་གདལ་སློབ་གསོའི་གཡུལ་སའི་ནུས་པ་འདོན་སྤེལ་ཡག་པོ་བྱ་ཆེད། ཉེ་ཆར། བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་ཚན་རྩལ་ཁྱབ་གདལ་ལས་དོན་རུ་ཁག་རྔ་ཆེན་ལྟེ་བའི་སློབ་ཆུང་དང་ཧའེ་ཁྲེང་སློབ་ཆུང་དུ་བསྐྱོད་དེ“རྟེན་མཛོད་ཁང་དང་སློབ་གྲྭ་མཉམ་ལས”(དུས་ཐེངས་དང་པོ)ཀྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་ཡུལ་དུ་ཚན་རྩལ་ཁྱབ་གདལ་གྱི་ཀློག་དེབ་236དང་ཚན་རྩལ་ཁྱབ་གདལ་གྱི་ཐོན་ཁུངས་ཁུག་མ་822སྤྲད་པ་དང་། དགེ་སློབ་243ལ་ཕན་པ་ཐོབ་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཐོག“སའི་གོ་ལར་སྲུང་སྐྱོང་བྱེད། ལྗང་མདོག་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྩི་ཤིང་གི་དངོས་དཔེ་བཟོ་བའི་ལག་ལེན་བྱས་པ་མ་ཟད། བོད་འདི་ས་མཐོར་གནས་པས་སློབ་མའི་རྒྱ་མཚོའི་སྐོར་གྱི་ཤེས་བྱ་ཅུང་ཞན་པའི་དོན་དངོས་ལ་དམིགས་ཏེ་གྲངས་འཛིན་ཅན་གྱི་བྱ་ཐབས་གསར་གཏོད་བེད་སྤྱོད་ཀྱང་བྱས་ནས། རྒྱང་ཁྲིད་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཀོང་ཤིས་ཚན་རྩལ་ཁང་གི་སྤུས་ལེགས་རྒྱ་མཚོའི་ཚན་རྩལ་ཁྱབ་གདལ་ཐོན་ཁུངས་ནང་འདྲེན་བྱས་ཏེ། ཕྲུ་གུ་ཚོར་ཚན་རྩལ་ཁྱབ་གདལ་གྱི་གསོན་ཉམས་དོད་པའི་སློབ་ཚན་ཞིག་ཁྲིད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)