《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月18日

ལྗོངས་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་མི་སྐྱོང་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྱི་མི་སྐྱོང་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་ཞིང་། བྱེད་སྒོའི་ཐོག་རང་ལྗོངས་ཀྱི་སློབ་གྲྭའི་རིག་གནས་འཛུགས་སྐྱོང་དང་། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་བརྟེན་ནས་མི་སྐྱོང་བའི་དཔེ་མཚོན་ཉམས་མྱོང་བཅས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་གཅིག་སྡུད་འགྲེམས་སྟོན་བྱས་ནས། ཤེས་དཔལ་སློབ་གྲྭ་འཛུགས་གཏོད་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་སྟེ། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་ཤེས་དཔལ་སློབ་གྲྭ་22བསྐྲུན་པ་དང་། སློབ་གྲྭ་93ལ་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་སློབ་གྲྭའི་མཚན་སྙན་ཐོབ་ཡོད། རྒྱལ་ཁབ་རིམ་པའི་དཔེ་སྟོན་སློབ་གྲྭ་མང་པོ་ཞིག་འབུར་དུ་ཐོན་པའི་ནང་སློབ་གྲྭ་2རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སློབ་གྲྭར་བདམས་པ་དང་། སློབ་གྲྭ་10རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་སློབ་གྲྭར་བདམས་ཡོད་པ། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སློབ་གྲྭ་499ཟིན་ཡོད་པ་རེད།